The Treasury of Lives

The Dodrubchen incarnation line originated with Jigme Trinle Wozer, a disciple of Jigme Lingpa and the founder of Dodrubchen Monastery. The Second Dodrubchen moved the monastery to Golok. The line has been key promoters of the Longchen Nyingtik tradition of Dzogchen. In addition to the primary incarnation line, a second line began with a son of Do Khyentse Yeshe Dorje named Sherab Mebar and continued with Drime Drakpa, and Khamsum Zilnon Gyepai Dorje.

 

 

Timeline

Biographies

རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར་ནི་འཇིགས་མེད་གླིང་པའི་བུ་སློབ་དང་སྡེ་དགེ་རྒྱལ་པོའི་དབུ་བླ་ཡིན། ཁོང་ནི་དུས་རབས་བཅུ་དགུ་པའི་ཀློང་ཆེན་སྙིང་ཐིག་གི་ཆོས་རྒྱུན་འཛིན་མཁན་གྱི་བླ་མ་སྔ་ཤོས་ཀྱི་གྲས་ཡིན།

རྡོ་གྲུབ་ཆེན་སྐུ་ཕྲེང་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ནི་རྡོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཡིས་ཁོང་གི་རྩ་བའི་བླ་མ་དང་ཆོས་གྲོགས་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་སྤྲུལ་སྐུར་ངོས་བཟུང་ཞིང་། སྤྱི་ལོ ༡༨༦༢ ལོར་མགོ་ལོག་རྡོ་ལུང་དུ་རྡོ་གྲུབ་ཆེན་སྐུ་ཕྲེང་བྱོན་གྱི་གདན་ས་གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་ཕྱག་བཏབ་པ་དང་། ཕྱིས་སུ་རྡོ་གྲུབ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་རྒྱ་བསྐྱེད་གནང་ནས་རྡོ་གྲུབ་ཆེན་དགོན་ཞེས་མིང་ཐོགས། ཕྱིས་སུ་དར་རྩེ་མདོ་རུ་ལྷ་འབྲུམ་འགོས་ཏེ་སྐུ་གཤེགས། 

རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་ནི་ཀློང་ཆེན་སྙིང་ཐིག་གི་ཆོས་རྒྱུད་འཛིན་མཁན་གྲགས་ཆེན་ཞིག་ཡིན་ལ། ཁོང་ནི་བདུད་འཇོམས་གླིང་པའི་གདུང་སྲས་བགྲེས་པ་ཡིན། ཁོང་གིས་རང་ཉིད་ཀྱི་གདན་ས་རྡོ་གྲུབ་ཆེན་དགོན་བསྐྱར་བཞེངས་མཛད་ཅིང་། ཚེ་མཇུག་ཏུ་དབེན་གནས་བསྟེན་ཏེ་རི་ཁྲོད་འགྲིམས།